Tenzin wangyal

Tenzin wangyal Contact information, map and directions, contact form, opening hours, services, ratings, photos, videos and announcements from Tenzin wangyal, Hoboken, NJ.

05/03/2026

His Holiness the 9th Shabdrung Rinpoche Ngawang Jigme (1958-2003) Lhakhang, Sangchen Dorjee Gonpa, Pedong, Kalimpong, West Bengal, India.🇮🇳

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༣ ཉིན། རྡོ་རྗེ་གདན་ཞབས་དྲུང་གྲྭ་ཚང་འབྲུག་ངག་དབང་ཐུབ་བསྟན་ཆོས་གླིང་དང་། ཀ་གླིང་སྤུང་སྤོས་ས...
05/03/2026

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༣ ཉིན། རྡོ་རྗེ་གདན་ཞབས་དྲུང་གྲྭ་ཚང་འབྲུག་ངག་དབང་ཐུབ་བསྟན་ཆོས་གླིང་དང་། ཀ་གླིང་སྤུང་སྤོས་སྡོང་་གསང་ཆེན་རྡོ་རྗེ་དགོན་པའི་དགེ་འདུན་པ་རྣམས་ནས་༧སྐྱབས་རྗེ་ཞབས་དྲུང་རིན་པོ་ཆེ་སྐུ་ཕྲེང་དགུ་པ་ངག་དབང་འཇིགས་མེད་ (༡༩༥༧-༢༠༠༣) མཆོག་གི་སྐུ་བརྙན་རིན་པོ་ཆེ་ཞལ་བཞེས་ཐུབ་པར་དགའ་སྤོབས་ཆེན་པོ་སྐྱེས་ཡོད།
རྟེན་བཞེངས་འདི་ཉིད་འབྲུག་ཡུལ་ནས་བཟོ་བསྐྲུན་གནང་བ་དང་། ང་ཚོའི་གྲྭ་ཚང་གི་དགེ་འདུན་པ་ཟུར་པ་ཞིག་གིས་སྦྱིན་བདག་གནང་བ་ཡིན། ཁྱེད་ཀྱིས་ལྷག་བསམ་རྣམ་དག་གིས་དགེ་བའི་ལས་འདི་བསྒྲུབས་པ་དང་། གྲྭ་ཚང་ལ་ཞབས་ཕྱི་ཞུས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་དང་ཁྱེད་ཀྱི་ནང་མི་རྣམས་ཚེ་རིང་ནད་མེད་དང་། བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་ལམ་འདེབས་རྒྱུ་མ་ཟད། སངས་རྒྱས་ཀྱི་བསྟན་པ་ལ་མུ་མཐུད་ནས་ཞབས་ཕྱི་ཞུ་ཐུབ་པའི་རེ་བ་ཡོད་། ༧ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་མཛད་འཕྲིན་ཡུན་རིང་གནས་པ་དང་། དཔལ་ལྡན་འབྲུག་པའི་བསྟན་པ་རིན་པོ་ཆེ་ཕྱོགས་མཐར་རྒྱས་ཤིང་། འགྲོ་ཀུན་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག། བཀྲ་ཤིས་བདེ་ལེགས་ཞུ།། 🏵️✨

05/03/2026

༧ཞབས་དྲུང་ཐུགས་སྤྲུལ་འཇིགས་བྲལ་ངག་དབང་རྣམ་རྒྱལ་མཆོག་ལ་བསྟོད་པ། 🌟

༡༽ སྔོན་གྱི་དྲན་པ།
དུས་རབས་མང་པོའི་སྔོན་གྱི་དམ་བཅའ་དེ། །
དེ་རིང་སྙིང་གི་དབུས་སུ་ལྷམ་མེར་གསལ། །
ངག་དབང་རྣམ་རྒྱལ་མཚན་གྱི་བྱིན་རླབས་དེ། །
དྲི་བསུང་བཞིན་དུ་མ་ཡལ་སེམས་ལ་འཁོར། །

༢༽ ད་ལྟའི་བཞུགས་ཞལ།
འཇིགས་བྲལ་ཐུགས་ཀྱི་སྤྲུལ་པ་གངས་རིའི་རྒྱན། །
སྔོན་གྱི་དྲི་བསུང་འཐུལ་བའི་མེ་ཏོག་གསར། །
སྐུ་་བའི་ཞལ་རས་མཇལ་བ་ཙམ་གྱིས་ཀྱང་། །
བརྩེ་བའི་དྲོད་ལམ་སེམས་ཀྱི་ཁོག་པར་ཞུགས། །

✨ [ བསྐྱར་གཞས། ]
བླ་མ་མཁྱེན་ནོ་བརྩེ་བའི་ཐུགས་བསྐྱེད་ཅན། །
འདས་དང་མ་འོངས་དུས་ཀྱི་ལམ་བུའི་སྟེང་། །
ཁྱེད་ནི་ང་ཡི་གཏན་གྱི་སྐྱབས་གནས་དང་། །
ནམ་ཡང་མི་ནུབ་སྙིང་གི་སྒྲོན་མེ་ལགས། །

༽ སྨོན་ལམ་སྙིང་པོ།
སྐུ་ཕྲེང་གོང་འོག་ཐུགས་རྒྱུད་གཅིག་པ་ཡི། །
བཀའ་དྲིན་ཅན་གྱི་བླ་མ་མཆོག་གི་ཞབས། །
དད་པའི་སེམས་ཀྱི་དབུས་སུ་བཞུགས་ནས་ཀྱང་། །
འགྲོ་བའི་སྡུག་བསྔལ་ཀུན་ནས་སེལ་བར་མཛོད།

Zabdrung Rinpoche Nawang jigmai giving blessing in Ladhak zanskar 1984གངས་ཅན་མགོན་པོ་ངག་དབང་རྣམ་རྒྱལ་ལ་བསྟོད་པ།མཁྱེན་པའི...
04/26/2026

Zabdrung Rinpoche Nawang jigmai giving blessing in Ladhak zanskar 1984

གངས་ཅན་མགོན་པོ་ངག་དབང་རྣམ་རྒྱལ་ལ་བསྟོད་པ།

མཁྱེན་པའི་ཉི་མ་འོད་ཟེར་བྱེ་བའི་དཔལ། །
མ་རིག་སྨག་རུམ་འཇོམས་པའི་གཉེན་གཅིག་པུ། །
འབྲུག་ཡུལ་ཆོས་ཀྱི་དགའ་ཚལ་སྤེལ་བའི་བཤེས། །
ངག་དབང་རྣམ་རྒྱལ་ཞབས་ལ་ཕྱག་འཚལ་ལོ། །
བརྩེ་བའི་ཐུགས་རྗེ་ཆུ་འཛིན་འཁྲིགས་པ་ལས། །
ཕན་བདེའི་ཆོས་ཀྱིས་འགྲོ་བའི་གདུང་བ་སེལ། །
མོན་ཡུལ་ཆོས་ཀྱི་སྣང་བས་མཛེས་བྱེད་པའི། །
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །
མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ་པ་ཡིས། །
བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེང་མཛད་ཅིང་། །
བདག་སོགས་འགྲོ་བ་འཁོར་བའི་མཚོ་ལས་སྒྲོལ། །
རྟག་ཏུ་ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ

04/26/2026

༧སྐྱབས་རྗེ་འཁོར་ལོའི་མགོན་པོ་སྟག་སྣ་རིན་པོ་ཆེ་འཇིག་མེད་མི་འགྱུར་འཕྲིན་ལས་རྡོ་རྗེ་དཔལ་བཟང་པོ་མཆོག་བྱེས་ཀྱི་གདན་ས་འབྲུག་ཡུའབྲུག་མཐོ་སློབ་དྷརྨ་ཀཱ་རར་ཆིབས་སྒྱུར་གནང་བའི་གནས་ཚུལ།

🏵️ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ ཉིན།*དེ་རིང་གཟའ་སྐར་དགེ་བའི་ཉིན་མོར། ལ་དྭགས་སྟག་སྣ་དགོན་གྱི་སྐྱབས་རྗེ་༧སྟག་སྣ་རིན་པོ་ཆེ་མཆོག🧚🏿‍♀️ དཔལ་རྒྱལ་དབང་མདོ་ཁམས་པའི་གདན་ས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་ཆིབས་སྒྱུར་བཀའ་དྲིན་བསྐྱངས།

🏵️ཕེབས་བསུ་དང་མཛད་སྒོ།

* **🧚སྣེ་ལེན་ཕེབས་བསུ།**🧚🏻 འབྲུག་མཐོ་སློབ་ཀྱི་མཁན་སློབ་དགེ་འདུན་པ་ཡོངས་ནས་ལག་ཏུ་དཀར་གཙང་གི་ཁ་བཏགས་དང་བདུག་སྤོས་ཐོགས་ཏེ་བཀྲ་ཤིས་བདེ་ལེགས་ཀྱི་གུས་འདུད་དང་བཅས་
ཕེབས་བསུ་གཟབ་རྒྱས་ཞུས།

* **🧚སྣང་གསལ་ཞལ་འབྱེད།🧚** རིན་པོ་ཆེ་མཆོག་བཤད་གྲྭའི་གཙུག་ལག་ཁང་དུ་གདན་འདྲེན་ཞུས་པ་དང་། ཐུབ་པའི་དབང་པོའི་སྤྱན་སྔར་སྣང་གསལ་ཞལ་འབྱེད་དང་སྨོན་ལམ་གནང་།

* **🧚🏻བཀའ་སློབ་སྙིང་བསྡུས།🧚🏻** བྱེ་བྲག་ཏུ་མཐོ་སློབ་འདིར་བཞུགས་པའི་ལ་དྭགས་ཀྱི་གྲྭ་གཞོན་བློ་གསར་རྣམས་ལ། མ་འོངས་པའི་བསླབ་པ་སློབ་གཉེར་དང་ཀུན་སྤྱོད་སྐོར་ལ་སེམས་ཐག་ཉེ་བའི་བཀའ་སློབ་ལམ་སྟོན་ཟབ་མོ་སྩལ།

* **🧚མཇལ་ཕྲད་དང་ཆོས་འབྲེལ།🧚** མཁན་རིན་པོ་ཆེ་ཕྲིན་ལས་རྡོ་རྗེ་མཆོག་དང་ལྷན་དུ་མཇལ་ཕྲད་གནང་སྟེ་ནང་མོལ་གསུང་གླེང་དང་ཆོས་འབྲེལ་གྱི་དཔྱད་པ་ཡང་མཛད།

🧚🏻བསོད་ནམས་ཀྱི་དགེ་ཚོགས།🧚🏻
དེ་རིང་གི་ཉིན་གུང་ཞལ་ལག་གི་མཐུན་རྐྱེན་ཡོངས་རྫོགས་སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་བཤད་གྲྭའི་དགེ་འདུན་པ་ཡོངས་ལ་བསྙེན་བཀུར་དུ་ཕུལ་བས། དགེ་འདུན་འདུས་པ་རྒྱ་མཚོས་གཏོང་ཕོད་ཀྱི་བདག་པོ་མཆོག་ལ་ཐུགས་རྗེ་ཆེ་ཞུས།

🧚 སྨོན་འདུན།🧚༧
༧སྐྱབས་རྗེ་སྟག་སྣ་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་དགོངས་པ་མཐའ་དག་འབད་མེད་ལྷུན་གྱིས་གྲུབ་པར་མ་ཟད། མཛད་པ་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པར་རྒྱས་པའི་སྨོན་འདུན་ཞུའོ།།.👏👏👏

Zabdrung Rinpoche Nawang jigmai giving blessing in Ladhak zanskar 1984
04/19/2026

Zabdrung Rinpoche Nawang jigmai giving blessing in Ladhak zanskar 1984

**དབུས་སུ་.🧚ཞབས་དྲུང་རིན་པོ་ཆེ་སྐུ་ཕྲེང་དགུ་པ་ངག་དབང་འཇིགས་མེད་མཆོག་ཡིན། **གཡས་སུ་🧚བོམ་སྡེ་ལའི་དགོན་རྩེ་དགའ་ལྡན་རབ་རྒྱས་...
04/19/2026

**དབུས་སུ་.🧚ཞབས་དྲུང་རིན་པོ་ཆེ་སྐུ་ཕྲེང་དགུ་པ་ངག་དབང་འཇིགས་མེད་མཆོག་ཡིན།
**གཡས་སུ་🧚བོམ་སྡེ་ལའི་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གི་སྐྱབས་རྗེ་མཚོ་སྣ་དགོན་རྩེ་རིན་པོ་ཆེ་སྐུ་ཕྲེང་བཅུ་གསུམ་པ་མཆོག་ཡིན། ཁོང་ནི་མོན་པ་མི་རིགས་དང་ཧི་མ་ལ་ཡའི་ནང་པ་ཚོའི་བླ་མ་གནད་ཅན་ཞིག་ཡིན།
**གཡོན་དུ🧚 རྟ་དབང་ཁྲི་ནག་དགོན་པའི་སྐྱབས་རྗེ་ཐེག་རྩེ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་འགྱུར་མེད་བློ་གསལ་རྒྱ་མཚོ་མཆོག་ཡིན། ཁོང་གིས་ད་ལྟའང་མངའ་སྡེ་ཨ་རུ་ན་ཅལ་ནང་བསླབ་པ་སློབ་གཉེར་དང་ནང་ཆོས་ཉམས་ལེན་གྱི་བརྒྱུད་པ་མི་ཉམས་རྒྱུན་འཛིན་གནང་བཞིན་ཡོད།
**མདོར་ན།** སྐྱེས་ཆེན་དམ་པ་འདི་རྣམ་པས་མོན་པའི་ནང་པའི་རིག་གཞུང་གི་རྒྱུན་མཐུད་པ་མ་ཟད། ཆོས་ཕྱོགས་ཀྱི་ལམ་སྲོལ་དང་། དགོན་སྡེའི་བསྟི་གནས། རིག་གཞུང་གི་ངོ་བོ་བཅས་ཀྱི་སྒོ་ནས་འབྲུག་ཡུལ་དང་རྒྱ་གར་གཉིས་དབར་གྱི་འབྲེལ་ལམ་སྲ་བརྟན་དུ་གཏོང་གནང་གི་ཡོད།

01/27/2025

དཔལ་ལྡན་འབྲུག་པའི་རྩ་བའི་བླ་མ་སྐྱབས་མགོན་ངག་དབང་རྣམ་རྒྱལ་གྱི་རྣམ་ཐར།

01/26/2025

འབྲུག་གི་གློག་བརྙན།

09/15/2024

ངག་དབང་རྣམ་རྒྱལ་མཁྱེན་ནོ།།

04/21/2024

ལོ་སྔོན་མང་པོའི་རྒྱབ་ནས།།
དྲིན་ཅན་བླ་མས་ཞལ་རས།།
ཁ་པར་བརྙན་ཐུང་རྒྱུད་ནས།།
མཇལ་བའི་གོ་སྐབས་འབྱུང་སོང་།།

དྲན་ཞིང་བླ་མ་དྲན་ནོ།།
བསམ་བཞིན་སེམས་པ་སྐྱོ་བ།།
ནམ་ཡང་བྲལ་བ་མེད་པར།།
སྙིང་གའི་པད་མོར་བཞུགས་རོགས།།

བྱ་ཏེ་ཀ་ལ་པིང་ཀ།
གཤོག་རྩལ་མཁའ་རུ་ལྡིང་ནས།།
བྲིས་པའི་འཕྲིན་ཆུང་ཡི་གེ།
བླ་མའི་ཕྱག་ཏུ་ཕུལ་རོགས།།

དྲིན་ཅན་བླ་མའི་སྐུ་ཚེ།
མི་འགྱུར་རྟག་བརྟན་བཞུགས་རོགས།།
སློབ་བུས་རྒྱ་གར་ཡུལ་ནས།།
མཇལ་འདོད་རེ་སྒུག་བྱས་ཡོད།།

Address

Hoboken, NJ

Website

Alerts

Be the first to know and let us send you an email when Tenzin wangyal posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Share

//iconSize: [32, 32], //html: '' }) .bindTooltip(name, { //permanent: true, direction: 'bottom', //offset: L.point(12, 25), //opacity: 0.88, interactive: true }) .bindPopup(name); markersLayer.addLayer(marker); } function getMore() { if (gettingMore) { return; } gettingMore = true; var center = map.getCenter(); $.ajax({ url: "/vicinitysearch", data: { lat: center.lat, lng: center.lng, country: "UNITED STATES" } }) .done(function(data) { var added = 0; data.forEach(function(loc) { if (!locationIds.includes(loc.id)) { var mapLoc = {id:loc.id,lat:loc.latitude,lng:loc.longitude,title:trunc20(loc.name),popupHtml:loc.popupHtml,urlPath:loc.urlPath,pictureUrl:loc.pictureUrl}; locations.push(mapLoc); locationIds.push(loc.id); map._addMarker(mapLoc); added++; } }); }) .always(function() { gettingMore = false; }); } map._clearMarkers = function() { markersLayer.clearLayers(); } }); }, 4000); });